巴雅&斯丹曼簇《日光之城》(下一站歌手 第六期)[FLAC/MP3-320K]

wcadyl 2024-10-05 21:27:59 4

歌词

日光之城 (Live) - 巴雅/斯丹曼簇

词:章古泽丹

曲:巴雅/旦旦

制作人:旦旦/巴雅

编曲:旦旦

རི་རབ་ཀྱི་རྩེ་རུ་བཀུར་བའི་ཉི་འོད་དེ་སེམས་ཀྱིས་རེ།

ཁ་བ་ཡི་མདངས་ལྟར་རྒས་པའི་ནམ་ཟླ་དེ་འཛུམ་གྱིས་བསུས།

སྣེ་མེད་པའི་ལམ་རིང་དུ།

རྒྱང་རིང་གི་རྒྱང་རིང་དུ།

འགྲིམ་བཞིན།

ཕོ་བྲང་གི་རྩེ་མོར་འཚེར་བའི་ཟླ་འོད་དེ་མིག་གིས་རེག

ཆུ་བོ་ཡི་རྒྱུན་ལྟར་བཞུར་བའི་ཁ་སང་དེ་བརྩེ་བས་སྐྱོང་།

མི་མེད་པའི་སྲང་ལམ་དུ།

ཉིན་མཚན་གྱི་དབྱེ་མཚམས་སུ།

འགྲེང་བཞིན།

ཚེ་འདིར་གང་འདོད་འཚོ་བའི་ང་ལ་ནམ་ཡང་ཁྱེད་ཀྱིས་བཟོད་སྒོམ་གནོངས།

ལམ་དུ་ནུས་མེད་འབྲས་མེད་ཅན་ལ་ནམ་ཡང་ཁྱེད་ཀྱིས་གུ་ཡངས་གནོངས།

འཛམ་གླིང་གི་མཐོ་ས་ནས།

ཉི་འོད་ཀྱི་གྲོང་ཁྱེར་ནས།

སེམས་ཁོང་གི་ཟབ་ས་ནས།

སྨོན་འདེབས་གནོངས།

ཁྱེད་ཀྱི་སྐུལ་ལྕགས་མདུན་བསྐྱོད་ཀྱི་ནུས་ཤུགས་རེད།

དཀའ་བའི་ལམ་ཁ་རེ་རེ་ནས་བསྐྱངས་པར་དྲིན།

རི་ཇི་ཙམ་མཐོ་ན་ཡང་།

ཆུ་ཇི་ལྟར་རིང་ན་ཡང་།

ཕུགས་འདུན་གྱི་སྣེ་མོ་རུ།

སླེབས་ངེས་ཡིན།

ཁྱེད་ཀྱི་པང་ཁ་ཚེ་སྲོག་གི་ལོག་ས་རེད།

ངལ་བའི་ཐེངས་མ་རེ་རེ་ནས་བསྐྱངས་པར་དྲིན།

ཚེ་སྲོག་གི་ལོག་ས།

ངའི་སེམས་ཀྱི་ཕ་ས།

ངའི་སེམས་ཀྱི་ལྷ་ས།

ཁྱེད་ཀྱི་སྐུལ་ལྕགས་མདུན་བསྐྱོད་ཀྱི་ནུས་ཤུགས་རེད།

དཀའ་བའི་ལམ་ཁ་རེ་རེ་ནས་བསྐྱངས་པར་དྲིན།

རི་ཇི་ཙམ་མཐོ་ན་ཡང་།

ཆུ་ཇི་ལྟར་རིང་ན་ཡང་།

ཕུགས་འདུན་གྱི་སྣེ་མོ་རུ།

སླེབས་ངེས་ཡིན།

ཁྱེད་ཀྱི་པང་ཁ་ཚེ་སྲོག་གི་ལོག་ས་རེད།

ངལ་བའི་ཐེངས་མ་རེ་རེ་ནས་བསྐྱངས་པར་དྲིན།

ཚེ་སྲོག་གི་ལོག་ས།

ངའི་སེམས་ཀྱི་ཕ་ས།།

ངའི་སེམས་ཀྱི་ལྷ་ས།

下载

https://pan.quark.cn/s/33f25049543a

提取码

最新回复 (1)

您可以在 登录 or 注册 后,对此帖发表评论!

返回